作成日: 2017-02-27 最終更新日: 2017-02-28 作成:事務局

ロサル・タシデレー

チベット暦2144年、第十七ラプジュン火酉歳の新年が明ける賢き時の宴に皆様の一切の偉業が満月のように成満増広し意するところのものが如法に成就せんことをお祈りし無数の吉祥楽善あるよう申し上げます。

三宝の欺くことのない真実の加持と
法性の変わることのない真実の能力と
有法の因果の欺くことのない力により
遠近の善なる吉祥が燃え盛らんことを

一般社団法人 文殊師利大乗仏教会

༄༅། །བོད་རྒྱལ་ལོ་ ༢༡༤༤ རབ་བྱུང་བཅུ་བདུན་པའི་མེ་མོ་བྱ་ཡི་ལོའི་གནམ་ལོ་གསར་དུ་འཛུམ་པའི་དུས་བཟང་དགའ་སྟོན་ལ་ཉིད་ཀྱི་བྱ་བཞག་ཐམས་ཅད་ཡར་ངོའི་ཟླ་བ་ལྟར་གོང་དུ་འཕེལ་ཞིང་། ཅི་བསམ་ཆོས་བཞིན་དུ་འགྲུབ་པའི་སྨོན་འདུན་དང་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།

མཆོག་གསུམ་མི་བསླུ་བདེན་པའི་བྱིན་རླབས་དང་། །ཆོས་ཉིད་མི་འགྱུར་བདེན་པའི་ནུས་མཐུ་དང་།།
ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་སྟོབས་ཀྱིས། །འཕྲལ་ཡུན་དགེ་བའི་བཀྲ་ཤིས་འབར་གྱུར་ཅིག།།

འབྲས་སྤུངས་སྒོ་མང་གྲྭ་འཇམ་དབྱངས་ཐེག་ཆེན་ཆོས་ཚོགས་ནས་ཕྱི་ལོ་ ༢༠༡༧ ཟླ་ ༠༢ ཚེས་ ༢༧ ཉིན་ཕུལ།