チベットの平和を祈る広島宣言 2009

最終更新日:2012年01月31日
執筆者:事務局

チベットの平和を祈る広島宣言 2009

2009年3月10日

 私たちは本日この原爆ドーム前に集いました。それは人類の歴史ではじめて核兵器が人間に使用された場所であり、対話ではない暴力という狂気の結果を具体的に人類に示している場所だからです。

 ここで、私たちはチベットの人たちのために祈ります。これまで半世紀にもわたり、チベットでは何の罪も無い一般の市民が、不当に抑圧され、拷問をうけ、殺されてきました。これまでの50年で亡くなった方の総数は、この広島市の人口とほぼ同じです。

 人間の生命や生活は決して暴力によって脅かされるべきではありません。どんな人でも自らの信仰、思想、信条を口に出す、言論の自由をもっています。暴力の最終的な形が人類の破滅でしかないことは、私たちがいま立っているこの屍の大地が語り続けているのです。

 私たちはチベットの人たちのために祈ります。この問題がいまも未解決なのは、中国政府をはじめ、国際社会のさまざまな団体、企業、グループが自らの利害関係を優先し、他者の苦しみに無関心であったからです。それがチベット問題が解決しない最大の理由なのです。しかし平和は武力によってではなく、他者に対する思いやりのみによって築かれるものです。

 半世紀のチベットの苦難と闘争は決して彼らだけのものではありません。力のあるものが弱者をいじめている時に、その人が死んでしまうまで見てみないふりをすることは、人間の行為ではありません。だからこそ私たちはこのチベット問題に対しその苦痛を悼み、宣言します。

 私たちは自分の能力の限り、中国政府が人権蹂躙や文明の破壊活動を即刻中止するようはたらきかけます。そしてこの問題が全面的に解決するために、すべてのチベットの人の代表者であるダライ・ラマ法王と中国政府側とが、第三国の仲裁のもと、無条件での直接対話をすることを望みます。

 ダライ・ラマ法王の言葉にもあるように、この世のすべての問題は、人間がつくりだした問題にほかなりません。だからこそその解決もまた人間によって実現できるはずなのです。チベットの問題は必ず解決できる問題であり、世界平和は決して不可能なことではないことを私たちは信じています。チベットに本当の平和と自由を。

チベットの平和を祈る広島の声 参加者一同

ཉི་ཧོང་གི་གྲོང་ཁྱེར་ཧི་རོ་ཞིས་མ་རུ་སྤྱི་ལོ་༢༠༠༩ལོའི་བོད་ཀྱི་སུམ་བཅུ་དུས་དྲན་བརྩི་བསྲུང་དང་བོད་ནང་དམར་གསོད་གཏོང་དང་གཏོང་བཞིན་པའི་བོད་མི་རྣམས་ཀྱི་ཆེད་གསོལ་འདེབས་དང་རྒྱ་སྤྱིའི་གཞུང་སྒེར་ལ་འབོད་སྐད་ཞུ་ཡིག

དེ་རིང་ང་ཚོ་འཛོམས་སའི་རྡུལ་ཕྲན་མཚོན་ཆས་ཞིག་རལ་དུ་བཏང་བའི་ཁང་པ་འདི་ནི་འཛམ་བུ་གླིང་ལ་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་བྱེད་ས་ཐོག་མའི་ལྟེ་བ་དེ་ཡིན་པ་མ་ཟད། ཞི་དྲག་གཉིས་ཀྱི་དྲག་པོའི་ལམ་ལ་བསྟེན་ནས་ལོག་ལམ་དུ་སོང་བའི་འབྲས་བུ་ཅི་འདྲ་ཡིན་པ་དེ་དེང་སྐབས་འཛམ་གླིང་མི་དམངས་ལ་དངོས་སུ་མཐོང་རྒྱུ་ཡོད་པའི་དཔེ་མཚོན་ལྟ་བུ་ཞིག་རེད། དེ་རིང་ང་ཚོ་ཚང་མས་གཞི་བྱེས་བོད་མི་རྣམས་དང་དམིགས་བསལ་རྒྱ་མིས་དྲག་པོའི་དམག་དཔུང་གི་མེ་མདའི་འོག་ནས་འདས་གྲོངས་སུ་ཕྱིན་པའི་བོད་མི་རྣམས་ཀྱི་ཆེད་དུ་སྨོན་ལམ་འདེབས། ཉེ་བའི་དུས་རབས་ཕྱེད་ཀའི་རིང་བོད་ཆོལ་ཁ་གསུམ་ཡོངས་སུ་བོད་མི་ཉེས་མེད་དམར་གསོད་བཏང་ནས་ལུས་སྲོག་བྲལ་བའི་མི་གྲངས་ས་ཡ་གཅིག་ལྷག་ཟིན་བཞིན་པ་འདིས་ད་ལྟའི་ཧིས་རོ་ཞིས་མའི་མི་འབོར་འདྲ་བོ་ཡོད་པ་འདི་ནི་བསམ་ཡུལ་ལས་འདས་བའི་གནས་ཚུལ་སྐྱོ་བོ་ཞིག་རེད། ང་ཚོ་འགྲོ་བ་མིའི་ལུས་སེམས་ལོང་སྤྱོད་དང་བཅས་པ་དྲག་པོས་ཁ་ལོ་བསྒྱུར་མི་ཆོག་པ་མ་ཟད་མི་སུ་ཡིན་ཡང་སོ་སོའི་དད་མོས་དང་སྨར་བརྗོད་ལ་རང་དབང་དགོས། གལ་ཏེ་དྲག་པོའི་ལམ་དུ་བསྐྱོད་པ་ཡིན་ན་འགྲོ་བ་མི་ལ་སྡུག་བསྔལ་དང་གྱོང་རེག་རྒྱུ་ལས་ཁེ་ཕན་མེད་པ་ས་ཆ་འདིའི་འོག་སྦུས་བའི་རོ་ཕུང་སོགས་ཀྱིས་ང་ཚོ་ལ་ཉེན་བརྡ་བཏང་ཡོད། དེ་ན། དེ་རིང་ང་ཚོ་ཚང་མས་དཀའ་སྡུག་མྱོང་བཞིན་པའི་བོད་མི་ཡོངས་ཀྱི་ཆེད་དུ་སྨོན་ལམ་འདེབས། ད་ལྟ་བར་དུ་བོད་དོན་བདེན་མཐའ་མ་གསལ་བའི་རྒྱུ་རྐྱེན་གཙོ་བོ་ནི། རྒྱ་ནག་དབུས་གཞུང་དང་། དེ་མིན་གྱི་རྒྱལ་ཁབ་བམ་འཛམ་བུ་གླིང་གི་ཚོགས་པ་འདྲ་མིན་གྱིས་སོ་སོའི་གནས་སྐབས་ཀྱི་ཁེ་ཕན་ཁོ་ནའི་ཆེད་དུ་གཞན་གྱི་སྡུག་བསྔལ་ཡལ་བར་དོར་བཞིན་ཡོད་པས་བོད་ཀྱི་བདེན་པའི་འཐབ་རྩོད་ལ་འང་དོ་སྣང་དེ་འདྲ་བྱེད་ཀྱི་མེད་པ་རེད། སྤྱིར་ཞི་བདེ་ཟེར་བ་དམག་མཚོན་ལས་འབྱུང་རྒྱུ་མ་ཡིན་པར་ཕན་ཚུན་གྲོས་མོལ་དང་ཡིད་ཆེས་ཀྱི་སྒོ་ནས་འཕེལ་རྒྱས་སུ་གཏོང་དགོས་པ་ཞིག་རེད། ལོ་ངོ་ལྔ་བཅུའི་རིང་གི་བོད་མིའི་བདེན་པའི་བཐབ་རྩོད་ནི་བོད་མི་གཅིག་པའི་འོས་འགན་ཞིག་མ་ཡིན་པས་འཛམ་བུ་གླིང་གི་དྲང་བདེན་དང་ཞི་བདེ་ལ་རེ་བའི་མི་སུ་ཡིན་ན་འང་དྲག་པོས་དྲང་བདེན་ལ་གཏོར་རྒོད་གཏོང་བཞིན་པའི་སྐབས་འདིར་སོ་སོ་ལ་འདིའི་ཕྱོགས་ཀྱི་འོས་འགན་ཡོད་པ་རེད། དཔེར་ན་མི་སྟོབས་ཆེན་ཞིག་གིས་མི་ཉམ་ཆུང་ཞིག་ལ་ཐུབ་ཚོད་གཏོང་བཞིན་པའི་སྐབས་དྲང་བདེན་གྱི་སྒོ་ནས་མི་ཉམ་ཆུང་དེ་ལ་རོགས་རམ་མ་བྱོས་ན་སྤྱི་ཚོགས་ལ་རྙོག་དྲ་ཆེ་རུ་འགྲོ་རྒྱུའི་ཉེན་ཁ་ཡོད་པ་ལྟར་རེད། དེའི་ཕྱིར་དེ་རིང་ང་ཚོ་ཚང་མས་བོད་པའི་སྡུག་བསྔལ་ལ་ཡིད་སྐྱོ་བའི་ངང་ནས་ཞུ་དོན་ནི། དང་པོར་ང་རང་ཚོས་བོད་ཀྱི་ཆོས་དང་རིག་གཞུང་ལ་གཏོར་གཤིགས་དང་བོད་མི་དཀྱུས་མ་དག་ལ་ཉེས་མེད་དམར་གསོད་གཏོང་བཞིན་པ་མྱུར་དུ་འཚམས་འཇོག་དགོས་པ་དང་། བོད་ཀྱི་དཀའ་རྙོག་སེལ་ཆེད་དུ་བོད་གཞིས་བྱེས་གཉིས་ཀྱི་བདག་པོ་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་དང་མཉམ་དུ་རྒྱ་ནག་དབུས་གཞུང་གིས་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་གྲོས་མོལ་བྱེད་དགོས་པའི་འབོད་སྐུད་སྤྱང་ཀིའི་རྣ་ལ་ཆོས་བཤད་རེད་མོད། ཡིན་ན་འང་དྲང་བདེན་ནི་ནམ་ཡང་རྫུན་དུ་འགྱུར་མི་སྲིད་པ་དེ་ཡང་བསྐྱར་དྲན་གསོའི་ཆེད་ནན་ཏན་དུ་བརྗོད་འདོད་པ་དེ་ཡིན། སྐྱབས་མགོན་རིན་པོ་ཆེས་འཛམ་བུ་གླིང་གི་རྙོག་དྲ་མང་པོོ་མིས་བཟོས་པ་ཡིན་སྟབས་དེའི་དཀའ་ངལ་སེལ་ཐབས་ཀྱང་མི་ལ་ཡོད་པས། བོད་ཀྱི་གནད་དོན་ཀྱང་ང་ཚོས་ཞི་བའི་གྲོས་མོལ་གྱི་ལམ་ནས་སེལ་ཐུབ་པ་ཞིག་ཡིན་པའི་ཡིད་ཆེས་ཡོད་ཞེས་གསུང་བ་ལྟར། བོད་མི་རྣམས་ལ་མིང་དོན་མཚུངས་བའི་ཞི་བདེའི་རང་དབང་ཡོང་བའི་སྨོན་འདུན་དང་བཅས། ཐེངས་འདིའི་སུམ་བཅུ་དུས་དྲན་ཐེངས་ལྔ་བཅུ་བའི་ཐོག་འཛོམས་པའི་བོད་ཉི་ཧོང་གི་སེར་སྐྱ་ཕོ་མོ་ཐུན་མོང་ནས། སྤྱི་ལོ་༢༠༠༩སྤྱི་ཟླ་༣ཉ་ཚེས་༡༠ཉིན།

Message of Hiroshima for True Peace in Tibet

March 10th, 2009

On this day we gather together in front of the Atomic Bomb Dome,the place where the atomic weapon was deployed by people for the first time ever in human history. This is also the place where the devastating result of violence and rage with no resolution of dialogue is shown.

In this place, we pray for the Tibetan people. Over the past half century, innocent citizens of Tibet have been suppressed, tortured and killed. So far, the total number of people who have died there equals the approximate total population of Hiroshima.

Human life should never be threatened by violence. Every individual should possess freedom of speech, and freedom to express his or her religion, thoughts and beliefs. This very place we are standing at now keeps teaching us that the ultimate result of violence is nothing but destruction.

We pray for the Tibetan people. Their problem has yet been unresolved because the Chinese government, as well as many other groups, and corporations have given priority to their own interests and been indifferent about the suffering of others. For that main reason, the Tibetan problem remains unresolved. Peace can be built only by compassion for others, not by military force.

The half century of suffering and struggle in Tibet is not just a Tibetan problem. When we witness the powerful mistreat the weak, pretending that we are not looking until they die is not a humane act. That is why we mourn their pain of Tibet and send this message of peace.

We demand as strong as possible that the Chinese government immediately cease its disrespectful treatment of human rights and destructive activities against the civilization of Tibet. In order to resolve the problem as a whole, we ask that the representative of the Tibetans, The Dalai Lama, meet with the Chinese government along with a third party for a dialogue without any conditions.

As The Dalai Lama said, all the problems in our lives are created by nothing other than humans. That is why the solutions for the problems can also be realized by humans. We believe that the problem in Tibet can definitely be resolved, and it is not impossible to attain world peace.

May there be true peace and freedom for Tibet.

All the participants of Peace Tibet 2009

この記事をシェアする

 
 
▲ページのトップ